设为首页 加入收藏
rss

您当前的位置:首页 > 民族语言 > 藏语

ཐོན་ལས་ལ་བརྟེན་ནས་དབུལ་སྐྱོར་བྱེད་ན་ཚོང་རའི་ཁ་ཕྱོགས་ལེགས་པོར་འཚོལ་དགོས།

时间:2020-09-27 21:01:08来源:作者:点击数:
标题字体:内容字体:

གནད་ཁེལ་དབུལ་སྐྱོར་བྱེད་ན་གཙོ་བོ་གནད་ལ་ཁེལ་བའི་སྒོ་ནས་དབུལ་ཕོངས་དབྱེ་འབྱེད་དང་གནད་ལ་ཁེལ་བའི་སྒོ་ནས་ཇུས་ཆོད་ལག་བསྟར་བྱས་ཏེ། དབུལ་ཕོངས་མང་ཚོགས་ཀྱི་དབུལ་ཕོངས་ཞ་མོ་ཕུད་པ་དང་དབུལ་ཕོངས་ཀྱི་རྒྱུན་གཅོད་རྒྱུ་དེ་རེད། འཐབ་ཇུས་བཟོ་འགོད་འདི་ནི་ང་ཚོས་འཛམ་གླིང་ཡོངས་ལ་གཟི་རྔམ་ལྡན་པའི་ངང་ནས་ཁས་བླངས་པ་ཞིག་ཡིན་ལ། དམངས་འཚོ་ལ་ཐུགས་ཁུར་དང་སེམས་སུ་ནམ་ཡང་དབུལ་ཕོངས་མང་ཚོགས་བཅངས་ནས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་སྐྲུན་པའི་ཇུས་ཆོད་གལ་ཆེན་ཞིག་ཀྱང་རེད། 2020ལོའི་སྔོན་ལ་དབུལ་ཕོངས་མང་ཚོགས་ཁྲི8000ལྷག་དབུལ་ཕོངས་ལས་ཐར་དགོས་པས་ལས་འགན་ཧ་ཅང་ལྕི། དེའི་རྐྱེན་གྱིས་ཀྲུང་དབྱང་དང་ས་གནས་ཀྱིས་བྱེད་ཐབས་མི་ཉུང་བ་བཏོན་ཅིང་། ཞིང་ལས་འཕྲོད་ན་ཞིང་ལས་སྒྲུབ་པ་དང་ཚོང་ལས་འཕྲོད་ན་ཚོང་ལས་གཉེར་པ།བཟོ་ལས་འཕྲོད་ན་བཟོ་ལས་སྒྲུབ་པ་བཅས་ཀྱིས་ལས་གཞི་སྣ་ཚོགས་བཏོན་ནས། དབུལ་ཕོངས་མང་ཚོགས་ལ་ཐོན་ལས་འཕེལ་རྒྱས་སུ་གཏོང་རོགས་དང་ལས་ཞུགས་གོ་སྐབས་འཚོལ་རོགས། ཐབས་བརྒྱ་ཇུས་སྟོང་གིས་ཡོང་སྒོ་ཇེ་མང་དུ་གཏོང་རོགས་བཅས་བྱས།

ཡིན་ནའང་ཉེ་ཆར་གྱི་གསར་འགྱུར་ལས་ཤེས་པ་ལྟར་ན། ས་ཆ་ཁ་ཤས་ཀྱི་དབུལ་སྐྱོར་ལས་གཞི་ལ“ས་ཆུ་མ་འཕྲོད་པ”ཡི་དབང་གིས། ས་གནས་ཀྱི་འཕེལ་རྒྱས་དང་མ་མཐུན་པར། དབུལ་སྐྱོར་བྱ་བ་ལོག་ལམ་དུ་ཞུགས་ཏེ། མང་ཚོགས་ཕྱུག་ལམ་དུ་འཁྲིད་རྒྱུ་ཕར་ཞོག ཐ་ན་མ་དངུལ་ཡོངས་རྫོགས་བཏང་རུང་ཕན་འབྲས་གཅིག་ཀྱང་ཐོབ་མེད། དཔེར་ན་ས་ཆ་ག་གེ་མོ་ཞིག་གིས་ན་ནིང་ཁྱིམ་བྱ་གསོས་པར་བྱ་ཤ་རྒྱ་མ་གང་རེར་ཚོང་རའི་རིན་གོང་སྒོར20ཡོང་བས། ད་ལོར་དབུལ་ཕོངས་ཁྱིམ་ཚང་མང་པོར་ཁྱིམ་བྱ་གསོ་བར་བསྐུལ་ཅིང་མཇུག་མཐར་རྒྱ་མ་གང་རེར་སྒོར10ལ་མར་བབས་པས། དབུལ་ཕོངས་མང་ཚོགས་ལ་ཡོང་སྒོ་སྐྲུན་མ་ཐུབ་པར་མ་ཟད་མ་རྩའང་བརྡིབས་པ་རེད། ཡང་དཔེར་ན་ས་ཆ་ག་གེ་མོའི་དབུལ་སྐྱོར་བྱ་བའི་ཚན་ཆུང་གིས་མང་ཚོགས་ལ་ལུག་གསོ་བར་བསྐུལ་པ་དང་། མཇུག་མཐར་ལུག་གོང་མར་བབས་ཏེ་ན་ནིང་གི་སྤྱི་རྒྱ་རེར་སྒོར34ནས36ཡིན་པ་ནས་ད་ལོར་སྤྱི་རྒྱ་རེར་སྒོར20ཡས་མས་སུ་བབས་པ་ལྟ་བུ།

མ་དངུལ་གཏོང་བར་ཉེན་ཁ་ཡོད་པ་དང་། ཐོན་ལས་འཕེལ་རྒྱས་སུ་གཏོང་རྒྱུའང་དེ་འདྲའི་སླ་མོ་ཞིག་ག་ལ་ཡིན། དབུལ་ཕོངས་ཁྱིམ་ཚང་གི་དཔལ་འབྱོར་ནུས་པ་མ་གཞི་ནས་ཞན་པས་མ་རྩ་རྡིབ་ག་ལ་རུང་སྟེ་མི་རུང་ངོ། མཁོ་མིན་གྱིས་རིན་གོང་ལ་ཤུགས་རྐྱེན་ཐེབས་པ་དང་རིམ་པ་སོ་སོའི་སྲིད་གཞུང་གིས་དབུལ་སྐྱོར་ལ་གཙོ་ཁྲིད་བྱེད་པ་དང་། ནང་སྒོས་སུ་རྫོང་དང་ཞང་སྲིད་གཞུང་གིས་ལས་གཞིའི་འཆར་འགོད་མ་བཟོས་པ་དང་དབུལ་སྐྱོར་ཐོན་ལས་ལག་བསྟར་མ་བྱས་པའི་སྔོན་ལ། ངེས་པར་ཚོང་རའི་གནས་ཐིག་གཏན་འཁེལ་དང་།ཚོང་རའི་དགོས་མཁོ་ཁྲིད་ཕྱོགས་སུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། ཚོང་རར་ཅི་ཞིག་མཁོ་ན་ཅི་ཞིག་ཐོན་སྐྱེད་བྱེད་དགོས། ཆ་འཕྲིན་གྱི་ཆ་རྐྱེན་བཀོལ་སྤྱོད་ལེགས་པོ་དང་ཚོང་རར་བརྟག་དཔྱད་ཞིབ་མོ་བྱས་ཏེ། མདུན་ལྗོངས་ལ་སྔོན་དཔག་བྱེད་དགོས་པ་ལས། དབུལ་སྐྱོར་འགག་སྒྲོལ་གྱི་ལས་འགན་འགྲུབ་ཆེད། དམིགས་ཡུལ་མེད་པའི་ཇུས་ཆོད་འདོན་མི་རུང་བ་དང་། སྲིད་འཛིན་བྱེད་ཐབས་ཀྱིས་ཚོང་རའི་ཆོས་ཉིད་ཀྱི་ཚབ་བྱེད་མི་རུང་། བརྟག་དཔྱད་མེད་པར་ཚོང་རའི་རྗེས་བསྙེགས་ན།འདེབས་འཛུགས་བྱེད་པའི་ཞིང་ལས་ཐོན་རྫས་ལ་ཚོང་ར་མེད་པ་དང་གསོས་པའི་ཁྱིམ་བྱར་མ་རྩ་མི་ལོན་པ་ལྟ་བུ་རེད།

ཚོང་རའི་ཁྲོད་རང་གིས་འདོན་ཐུབ་པའི་ནུས་པ་གཏན་འཁེལ་བྱས་ཏེ། ས་གནས་ཀྱི་དགོས་མཁོ་དང་བསྟུན་དགོས། དབུལ་སྐྱོར་ཐོན་ལས་གཏན་འཁེལ་བྱེད་པ་དང་ཚོང་རར་བརྟག་དཔྱད་ཞིབ་འཇུག་བྱེད་པ་རྨང་གཞི་རུ་བཟུང་སྟེ། དབུལ་ཕོངས་ས་ཁུལ་གྱི་ས་གཤིས་དང་ཐོན་ཁུངས་ཆ་རྐྱེན་ལ་རྒྱུས་ལོན་གསལ་པོ་བྱེད་པ་དང་། རང་ས་གནས་ཀྱི་ཐོན་ཁུངས་ལུགས་མཐུན་བེད་སྤྱོད་བྱེད་པ། ལས་སྣོན་ཞིབ་མོ་བྱེད་པའི་སྟེང་དུ་ཤུགས་འདོན་པ་བཅས་བྱས་ཏེ། ཐོན་རྫས་སྤུས་ལེགས་ཐོན་སྐྱེད་བྱེད་པ་དང་ཟུར་གཏོགས་རིན་གོང་ཇེ་མཐོར་བཏང་ནས། མང་ཚོགས་ཀྱི་ཡོང་སྒོ་ཇེ་མང་དུ་གཏོང་དགོས། ཕྱི་རོལ་གྱི་ཐོན་ཁུངས་ནང་འདྲེན་བྱེད་པ་དང་མི་མངོན་པའི་ནུས་ཤུགས་ཧུར་པོར་བཏང་སྟེ་ཡོང་སྒོ་འཕར་བའི་གནས་སྔོག་འདོན་བྱེད་དགོས།དབུལ་ཕོངས་མང་ཚོགས་ཀྱི་ཕྱུག་པོར་འགྱུར་འདོད་པ་དང་དབུལ་ཕོངས་ལས་ཐར་འདོད་པའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་། དབུལ་ཕོངས་ལས་ཐར་སྲིད་པའི་ཡིད་ཆེས་ཇེ་དྲག་ཏུ་བཏང་ནས། དཀའ་ཁག་ལ་གདོང་གཏོད་ཕོད་པའི་སྙིང་སྟོབས་བསླང་དགོས་པ་ལས། ལས་བྱེད་པས་ཧུར་བརྩོན་བྱས་ན་མང་ཚོགས་ཀྱིས་ལྟད་མོར་ལྟ་བའི་སྣང་ཚུལ་འབྱུང་དུ་འཇུག་མི་རུང་།

མདོར་བསྡུས་ན། ཚོང་རའི་དཔལ་འབྱོར་གྱི་ཆ་རྐྱེན་འོག དབུལ་སྐྱོར་འགག་སྒྲོལ་བྱེད་ན་ངེས་པར་ཚོང་ར་དང་བསྟུན་དགོས་ལ། ཚོང་ར་ལྟེ་གནས་སུ་བཟུང་སྟེ། ཚོང་རར་དམིགས་ནས་ཐོན་ལས་འཛིན་པ་དང་དགོས་མཁོ་དང་བསྟུན་ནས་འཕེལ་རྒྱས་སུ་བཏང་ནས། དབུལ་སྐྱོར་ཐོན་ལས་དེ་ཚོང་རའི་སྟེང་དུ་བཙུགས་ན། ད་གཟོད་ཉེན་ཁ་ཇེ་ཆུང་དང་དབུལ་སྐྱོར་བྱེད་ཚད་ཇེ་མཐོར་གཏོང་ཐུབ་བོ།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

上一篇:藏文科普 | 史上最悲壮的元素发现之路 下一篇:很抱歉没有了